དྲིན་ཆེན་ཨ་མ།
阿妈
词:尼玛罗吾 曲:四郎尼玛
演唱:阿郎
ནམ་མཁའ་ལྟ་བུའི་བློ་ཁོག་ནང་ལ།།
ཉི་ཟླ་འདྲ་བའི་རྣམ་དཔྱོད་འཁྲུངས་ཡོད།།
ཆུ་བོ་ལྟ་བུའི་བརྩོན་པའི་རྒྱུན་ལས།།
གསེར་མིག་འདྲ་བའི་ང་ཚོ་གསོས་ཡོད།།
གནག་སྣུམ་ལན་བུས་རང་མདངས་ཤོར་ཅིང་།།
དུང་སོ་སུམ་ཅུའི་ཚེམས་ཕྲེང་འཐོར་བའི།།
དྲིན་ཆེན་ཨ་མའི་རྒས་གཉེར་ཁྲོད་དུ།།
བུ་དང་བུ་མོའི་ལང་ཚོ་དཔར་ཡོད།།
སྐྱིད་ན་དགའ་བའི་གླུ་ཆུང་ལེན་ས།།
སྡུག་ན་སེམས་ཀྱི་མིག་ཆུ་བཞུར་ས།།
སྐྱིད་སྡུག་འཚོ་བའི་རྒྱབ་རི་བརྟན་པོ།།
ཐུགས་གཤིས་འཇམ་པའི་ཨ་མ་ཚེ་རིང་།།
ཨ་མས་བོད་ལྭ་རྒྱབ་ནས་དོར་མེད།།
ཨ་མས་བོད་སྐད་ངག་ནས་བརྗེད་མེད།།
བྱམས་བརྩེ་ལྡན་པའི་དྲིན་ཆེན་ཨ་མའི།།
སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ།།

歌手介绍
阿郎(登真郎加)身兼歌手、演员、主持人多重身份,是个吃苦耐劳、踏实上进之人。他对待工作认真负责,具备良好的沟通协调能力,拥有较强的组织能力与团队精神。
在演艺成果方面,他在四川省、甘孜州文艺汇演中表现出色。2018年,他凭借小品《酒驾》荣获二等奖;2019年,小品《撸起袖子加油干》斩获一等奖;2023年,小品《意外之喜》同样获得一等奖,还荣获甘孜州新人新作个人小品优秀奖。
在个人荣誉上,他多次在炉霍文化馆获得个人优秀奖,分别是2015 - 2016年、2018 - 2019年以及2021年。2018年,他获得甘孜州新人新作优秀演员奖;2023年,获得四川省少数民族运动会个人道德风尚奖;2021年,被评为炉霍县优秀青年志愿者。
此外,他参与表演的舞蹈作品成绩斐然,《放牧人》《炯动》《霍尔古舞》《牧民新生活》《忏》《颂·鼓韵》等先后在国家、省、州级文艺赛事中荣获大奖。







