当前位置: 首页 音乐 一世珠巴法王道歌 | 《持明欢喜会供歌·白莲绽放之青春·蓦然流露勇士道歌》
一世珠巴法王道歌 | 《持明欢喜会供歌·白莲绽放之青春·蓦然流露勇士道歌》

一世珠巴法王道歌 | 《持明欢喜会供歌·白莲绽放之青春·蓦然流露勇士道歌》

wang 音乐 评论0次 2026-03-13 2026-03-13
12
详情内容
一世珠巴法王道歌 | 《持明欢喜会供歌·白莲绽放之青春·蓦然流露勇士道歌》

一世阿宗珠巴·卓敦巴沃多杰 (1842~1924)

༄༅། །རིག་འཛིན་དགྱེས་པའི་ཚོགས་གླུ་པད་དཀར་བཞད་པའི་ལང་ཚོ་ཐོལ་བྱུང་དཔའ་བོའི་དོ་ཧ་བཞུགས་སོ། །

《持明欢喜会供歌·白莲绽放之青春·蓦然流露勇士道歌》

ཨ་ཧོ། སྐལ་བཟང་ལེགས་སྨོན་མཐུན་པ་རྡོ་རྗེ་ཡི་མཆེད་ལྕམ།།

奇哉!善缘善愿相契合,金刚法裔诸兄妹,

རྣམ་དཀར་ཆུ་གཏེར་ལས་ཐོན་དལ་འབྱོར་གྱི་ལུས་རྟེན།།

清净善根海中生,圆满暇满此身依。

དམན་པར་མ་ཤོར་སྐལ་མེད་བློ་དམན་ལ་གསང་བའི།།

未堕下劣不共法,无缘劣慧乃深秘,

སྐལ་བཟང་རེ་འགའ་ལ་བསྔགས་རྡོ་རྗེ་ཡི་ཐེག་པའི།།

唯赞少数具缘者,金刚乘之妙胜道,

དགའ་སྟོན་ཚོགས་ལ་འདུས་པ་རྒྱལ་སྲིད་ཀྱི་དོ་མིན།།

欢聚此间喜宴会,世间王权亦难及。

ཕྱི་སྣང་རྔ་ཡབ་གླིང་ཕྲན་དཔལ་རི་ཡི་ཞིང་ན།།

外显妙拂小洲岛,铜色吉祥山净土,

རིག་འཛིན་སྤྲུལ་སྐུ་གུ་རུ་པདྨ་དེ་བཞུགས་ཡོད།།

持明化身莲花生,大士安然住其中。

ཟག་མེད་རིག་འཛིན་མཁའ་འགྲོ་འཇའ་ལུས་ཀྱི་ཚོགས་གྲལ།།

无漏持明空行众,虹光身之大会聚,

ང་ཚོ་རྡོ་རྗེ་མཆེད་ལྕམ་དག་སྣང་ལ་ཆས་འགྲོ། །

我等金刚诸兄妹,当趣清净显现境。

སྙིང་དབུས་མཆོང་གུར་སྨུག་པོ་དཔལ་རི་ཡི་ཞིང་ན།།

心间红褐玛瑙帐,铜色吉祥山净土,

ཀ་དག་ཆོས་སྐུའི་བླ་མ་པད་འབྱུང་དེ་བཞུགས་ཡོད།།

本净法身之莲师,上师安然住其中

དགག་སྒྲུབ་སྤང་བླང་བྲལ་བ་རིག་འཛིན་གྱི་ཚོགས་གྲལ།།

远离破立与取舍,持明圣众大会聚,

ང་ཚོ་རྡོ་རྗེ་མཆེད་ལྕམ་བློ་བྲལ་ལ་ཆས་འགྲོ། །

我等金刚诸兄妹,当趣无念离心境。

ཡེ་གདངས་ཐིག་ལེ་སྒྲོན་དྲུག་འཇའ་ཐིག་གི་ཞིང་ན།།

本觉明相六灯光,虹光明点之净土,

ངེས་པ་ལྔ་ལྡན་ལོངས་སྐུའི་པད་འབྱུང་དེ་བཞུགས་ཡོད།།

具五决定报身佛,莲师安然住其中。

གསལ་འཚེར་ལྷུན་སྡུག་རིག་འཛིན་མཁའ་འགྲོ་ཡི་ཚོགས་གྲལ།།

璀璨明艳绝伦比,持明空行大会聚,

ང་ཚོ་རྡོ་རྗེ་མཆེད་ལྕམ་གསང་ལམ་ལ་ཆས་འགྲོ། །

我等金刚诸兄妹,当趣殊胜秘密道。

ཆོས་དབྱིངས་འགྱུར་མེད་ཀ་དག་གངས་དཀར་གྱི་རི་ལ།།

法界无变本净性,犹如皎洁白雪山,

འཇིག་མེད་ཡ་ང་བྲལ་བའི་རྩལ་རྫོགས་ཀྱི་སེང་ཆེན།།

无畏无惧力圆满,大雪狮王傲然立,

དམན་པ་གཅན་གཟན་ཝ་ཚོགས་ཟིལ་གྱིས་རང་མནན་ཡོད།།

劣等狐群与猛兽,威光自然尽降伏,

རི་དྭགས་སྒོལ་བ་བྱུང་བའི་དོག་པ་ནི་མི་དགོས།།

群兽奔逃起纷乱,何须对此生疑惧?

གཡང་སའི་འཁྲུལ་འཁོར་བཅད་པའི་བྱ་རྒྱལ་གྱི་ཁྱུང་ཆེན།།

斩断险境幻化网,禽中之王大鹏鸟,

བརྗོད་བྲལ་ལྷ་ལམ་ཡངས་པའི་བར་སྣང་ལ་འཕྱོ་བས།།

翱翔离戏广阔天,无垠虚空任飞翔

ཐེག་དགུའི་རིག་ཕྲན་འབར་འབུར་མངའ་འོག་དུ་ཆུད་ཡོད།།

九乘一切智光焰,悉皆摄受于足下,

སྤྲེལ་འདྲའི་སྙི་ཡི་ཟིན་པའི་དོགས་པ་ནི་མི་དགོས།།

犹如猿猴落网罟,何须对此生疑惧?

དེ་འདྲའི་དགའ་སྐྱིད་རིག་འཛིན་པདྨ་ཡི་དྲིན་ཡིན།།

如此安乐与喜悦,皆是持明莲师恩

བསམ་ན་དབང་མེད་སྐྱོ་ཞིང་མཆི་མ་རང་འཁྲུགས་འོང་།།

思之情深难自禁,悲喜交集泪暗垂。

བཀའ་དྲིན་གསོ་བའི་དགའ་སྟོན་གསང་སྔགས་ཀྱི་ཆེ་བ།།

为报师恩设此宴,密咒盛会显殊胜,

ལེགས་པའི་རྟེན་འབྲེལ་བསྒྲིགས་སྙམ་སྣང་བ་ནི་འུར་ཡང༌།།

本欲善结众缘起,然此显现虽炽盛,

དེ་འདྲ་གཞན་དབང་ཆེ་བས་དངོས་འབྱོར་ལ་བཤོལ་སོང༌།།

终因外缘势力牵,有相财供暂且缓,

ཡིད་སྨོན་གུས་པའི་བློས་བླངས་ཧ་ལམ་ནི་འགྲིགས་ཆགས།།

唯以信愿诚敬心,权作意乐亦相宜。

དད་པས་སྣ་དྲངས་སྐྱོང་བའི་གླུ་དབྱངས་ཀྱི་མཆོད་པ།།

信力牵引作此歌,音声和雅为供养,

གསང་སྔགས་ཚོགས་གྲལ་བཞུགས་པའི་མཆེད་ལྕམ་གྱི་སྙན་དུ།།

献于密咒会供众,金刚兄妹之耳畔,

ཐོལ་བྱུང་གང་ཤར་ཕུལ་བའི་ལེགས་ཚོགས་ཀྱི་དགེ་བས།།

蓦然流露任运献,以此善妙功德聚,

འདིར་ཚོགས་ལྕམ་དྲལ་གཙོར་བྱས་ཡིད་ཅན་གྱི་སྐྱེ་འགྲོ།།

普愿法会诸兄妹,乃至一切有情众,

ཚེ་འདིར་འོད་སྐུར་གྲོལ་བའི་བཀྲ་ཤིས་ཀྱི་མེ་ཏོག །

今生即证虹光身,解脱吉祥之花海,

སྣང་ཡུལ་ཡོངས་སུ་བཀྲམ་བཞིན་ཕྱོགས་ཀུན་ལས་རྒྱལ་བའི།།

遍洒一切显现境,十方世间尊胜尊,

ངེས་གསང་བསྟན་པ་དར་བའི་ཤེས་པ་ཡང་ཞུའོ།།

祈愿了密教法广弘兴盛

ཤིང་ཕོ་ཁྱི་ལོར་སྦྲུལ་ཟླའི་ཡར་ཚེས་བཅུ་གསུམ་ནུབ་མོ་རྨི་ལམ་དུ་ཨོ་རྒྱན་མཁའ་འགྲོའི་གླིང་དུ་ཚོགས་འཁོར་གྱི་འདུ་བ་མཐོང་ཚེ་སྣང་བ་སྔར་ལས་འགྱུར་བའི་ཉམས་དུ་མ་དང་བཅས་འགྲོ་འདུལ་པས་ཐོལ་བྱུང་དུ་སྨྲས་པ།

于木狗年蛇月十三日之夜,梦中亲见邬金空行刹土会供轮众聚集之时,伴随显现异于往昔之诸多觉受,由降伏众生者(一世阿宗珠巴法王卓度巴沃多杰)蓦然流露而自然颂出。

དགེའོ། དགེའོ། དགེའོ། །།

善哉!善哉!善哉!

微信号| zhibei2013

心地要善良| 勿忘善良心

发表评论

访客

◎欢迎参与讨论,请在这里发表您的看法和观点。

猜您喜欢坚持每天更新,让您每天都有新鲜的资源下载

3资源个数(个)
3本月更新(个)
3本周更新(个)
2今日更新(个)