༼བྱང་ཐང་ཡུལ་ནས་ཡོང་ཡོད།༽
ཚིག །ཉམ་ཆུང་གི་རི་བོང་།
དབྱངས། རང་གསལ་དཔལ་ལྡན།
ལེན་མཁན། ཐང་མཚོ།
ཡིད་འོང་གཟུགས་མཛེས་མེ་ཏོག་འཛུམ་ཞལ་ཅན། །
འགྱུར་ཁུག་སྙན་མོ་དཔྱིད་ཀྱི་རྒྱལ་མོ་འདྲ། །
བཅུ་དྲུག་ལང་ཚོ་ལུག་ཆུང་ཚར་ཞྭ་གྱོན། །
བུ་མོ་ཁྱེད་རང་ས་ཕྱོགས་གང་ནས་ཡོང་། །
མཛེས་པའི་སྤང་ལྗོངས་དཀར་དམར་མེ་ཏོག་བཞད།།
རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་མཚུངས།།
འབྲི་མོའི་བཞོ་དབྱངས་བར་མེད་རྣ་བའི་བཅུད།། བུ་མོ་ང་ནི་བྱང་ཐང་ཡུལ་ནས་ཡོང་།། ཁ་འཇམ་ཚིག་གིས་ཕ་མའི་བཀའ་དྲིན་གསོ།། ཞེ་འཇམ་འཛུམ་གྱིས་བརྩེ་བའི་བུ་ཕྲུག་སྐྱོངས།། རང་ཚུགས་མི་འཆོར་སྟག་ཤར་རང་མདངས་ཅན།། བུ་ཆུང་ཁྱེད་རང་ས་ཕྱོགས་གང་ནས་ཡོང་།། གངས་ལྷ་མེ་ཏོག་གངས་རིའི་འདབས་སུ་བཞད།། སྤང་རྒྱན་མེ་ཏོག་སྤང་དཀར་མགུལ་དུ་མཛེས།། སེར་ཆེན་མེ་ཏོག་ཆུ་མོའི་གཞུང་དུ་འཚེར།། བུ་མོ་ང་ནི་བྱང་ཐང་ཡུལ་ནས་ཡོང་།། མགྱོགས་པའི་གྱི་ལིང་རྟ་མཆོག་འོག་ན་བཞོན།། སྤང་ཐང་ཁ་དཀར་རྐྱང་ལ་བང་རྩལ་འགྲན།། ཆུ་མིག་དགུ་སྒྲིལ་འུར་རྡོ་ཀླད་ནས་བསྐོར།། བུ་ཆུང་ཁྱེད་རང་ས་ཕྱོགས་གང་ནས་ཡོང་།། མཛེས་སྡུག་ལྡན་པའི་སྐྱིད་པོ་བྱང་ཐང་འདི།། ང་དང་ཁྱེད་ཀྱི་སེམས་ཀྱི་ཞིང་ས་ཡིན།། ལྷན་འཛོམས་དགའ་སྤྲོ་གླུ་དབྱངས་སྙན་མོ་འདི།། མཐོ་སྒང་ཡུལ་དུ་ཕུལ་བའི་མཆོད་པ་ཡིན།།
༼བྱང་ཐང་ཡུལ་ནས་ཡོང་ཡོད།༽
ཚིག །ཉམ་ཆུང་གི་རི་བོང་།
དབྱངས། རང་གསལ་དཔལ་ལྡན།
ལེན་མཁན། ཐང་མཚོ།
ཡིད་འོང་གཟུགས་མཛེས་མེ་ཏོག་འཛུམ་ཞལ་ཅན། །
འགྱུར་ཁུག་སྙན་མོ་དཔྱིད་ཀྱི་རྒྱལ་མོ་འདྲ། །
བཅུ་དྲུག་ལང་ཚོ་ལུག་ཆུང་ཚར་ཞྭ་གྱོན། །
བུ་མོ་ཁྱེད་རང་ས་ཕྱོགས་གང་ནས་ཡོང་། །
མཛེས་པའི་སྤང་ལྗོངས་དཀར་དམར་མེ་ཏོག་བཞད།།
རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་མཚུངས།།


