当前位置: 首页 音乐 永嘉大師證道歌 ལམ་མངོན་པར་རྟོགས་པའི་གླུ རྫ་ཚེ་རིང་བཀྲིས་ཀྱིས་བསྒྱུར།
永嘉大師證道歌 ལམ་མངོན་པར་རྟོགས་པའི་གླུ རྫ་ཚེ་རིང་བཀྲིས་ཀྱིས་བསྒྱུར།

永嘉大師證道歌 ལམ་མངོན་པར་རྟོགས་པའི་གླུ རྫ་ཚེ་རིང་བཀྲིས་ཀྱིས་བསྒྱུར།

wang 音乐 评论0次 2026-02-13 2026-02-13
61
详情内容
永嘉大師證道歌 ལམ་མངོན་པར་རྟོགས་པའི་གླུ རྫ་ཚེ་རིང་བཀྲིས་ཀྱིས་བསྒྱུར།

唐慎水沙門玄覺撰

སློབ་དཔོན་ཆེན་པོ་ཡོང་ཅཱ་ཞོན་ཅེ་ཡིས་མཛད།

澤仁扎西堪布譯

རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

རྒྱ་ནག་སྐད་དུ།ཡོང་ཅཱ་ཀྲིན་ཏའོ་གཱི།བོད་སྐད་དུ།ལམ་མངོན་པར་རྟོགས་པའི་གླུ་ཞེས་བྱ་བ།

頂禮般若佛母尊

རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ།།

君不見。

絕學無為閑道人。不除妄想不求真。

無明實性即佛性。幻化空身即法身。

བསླབ་ཟད་བྱ་བྲལ་དལ་ཁོམ་རྣལ་འབྱོར་ནི།།རྣམ་རྟོག་མི་སྤོང་ཡང་དག་དོན་མི་འཚོལ།།མ་རིག་དངོས་ཉིད་སངས་རྒྱས་རང་བཞིན་ཏེ།།སྒྱུ་མའི་སྟོང་གཟུགས་ཆོས་སྐུར་གཟིགས་སམ་ཀྱེ།།

法身覺了無一物。本源自性天真佛。

五蘊浮雲空去來。三毒水炮虛出沒。

ཆོས་སྐུར་རྟོགས་ན་དངོས་པོ་འགའ་ཡང་དབེན།།གཉུག་མའི་རང་བཞིན་ལྷན་སྐྱེས་སངས་རྒྱས་དངོས།།ཕུང་ལྔའི་འཕྱོ་སྤྲིན་འགྲོ་དང་འོང་བས་སྟོང་།།དུག་གསུམ་ཆུ་ཡི་ཆུ་བུར་རྫུན་དུ་ཡལ།།

證實相。無人法。剎那滅卻阿鼻業。

若將妄語誑眾生。自招拔舌塵沙劫。

ཆོས་དང་གང་ཟག་དབེན་པའི་གནས་ལུགས་རྟོགས།།སྐད་ཅིག་གཅིག་གིས་མནར་མེད་ལས་ཀུན་འགག།གལ་ཏེ་ངས་འདིར་འགྲོ་ལ་རྫུན་སྨྲས་ན།།རྡུལ་སྙེད་བསྐལ་པར་ལྕེ་གཅོད་རང་བོས་ཡིན།།

頓覺了。如來禪。六度萬行體中圓。

夢裏明明有六趣。覺後空空無大千。

དེ་བཞིན་གཤེགས་པའི་བསམ་གཏན་ཅིག་ཆར་རྟོགས།།ཕྱིན་དྲུག་སྤྱོད་པ་ཁྲི་ཕྲག་གཤིས་སུ་རྫོགས།།རྨི་ལམ་ནང་དུ་རིགས་དྲུག་ཡོད་ཡོད་སྣང་།།སད་རྗེས་སྟོང་གསུམ་ཆེན་པོ་མེད་མེད་སྟོང་།།

無罪福。無損益。寂滅性中莫問覓。

此來塵鏡未曾磨。今日分明須剖析。

ཕན་གནོད་མེད་པས་ཉེས་དང་བསོད་ནམས་དབེན།།ཞི་འགོག་གཤིས་ལ་འདྲི་དང་འཚོལ་མ་བྱེད།།གཡའ་ཡིས་མེ་ལོང་གོས་མ་མྱོང་བའི་དཔེས།།དེ་རིང་ཁྱད་པར་མ་འདྲེས་ངེས་པར་ཕྱེད།།

誰無念。誰無生。若實無生無不生。

喚取機關木人問。求佛施功早晚成。

དྲན་མེད་སུ་ཡིན་སྐྱེ་མེད་སུ་ཞིག་ཡིན།།དངོས་ལ་སྐྱེ་དང་གྱེས་བྲལ་མ་མཆིས་པར།།ཤིང་མིས་ལྷུ་ལག་དཀྲོལ་ཚུལ་འདྲི་བཞིན་ན།།བཙལ་ཞིང་སྒྲུབ་པའི་སངས་རྒྱས་སྔ་ཕྱིས་འགྲུབ།།

放四大。莫把捉。寂滅性中隨飲啄。

諸行無常一切空。即是如來大圓覺。

འབྱུང་ཆེན་གཞི་ཀློད་འཇུ་ཞིང་འཛིན་མ་བྱེད།།ཞི་འགོག་ངང་དུ་གང་འདོད་དེ་རྗེས་འབྲོངས།།འདུ་བྱེད་མི་རྟག་ཆོས་རྣམས་ཐམས་ཅད་སྟོང་།།དེ་ཀ་རྒྱལ་བ་རྫོགས་པའི་བྱང་ཆུབ་ཆེ།།

決定說。表真乘。有人不肯任情徵。

直截根源佛所印。摘葉尋枝我不能。

བདེན་པའི་ཐེག་པས་མཚོན་པ་གསལ་པོར་སྨྲས།།འགའ་མི་འཐད་ན་ཞིབ་ཏུ་མོལ་བར་སྤོབས།།རྒྱལ་བས་རྒྱས་བཏབ་ཁུངས་ལ་ཐད་ཀར་གཏུགས།།རྩ་བོར་ཡལ་ག་འཚོལ་བ་ངས་མི་འཁྱོང་།།

摩尼珠。人不識。如來藏裏親收得。

六般神用空不空。一顆圓光色非色。

ཡིད་བཞིན་ནོར་བུ་མི་རྣམས་ངོ་མི་ཤེས།།བདེ་གཤེགས་སྙིང་པོ་ནང་ནས་རང་གིས་ལེན།ཕྱིན་དྲུག་བྱེད་པ་སྟོང་ཉིད་མི་སྟོང་སྟེ།།ཟླུམ་འོད་ཉག་གཅིག་མདོག་ནི་མདོག་མ་ཡིན།།

淨五根。得五力。唯證乃知難可測。

鏡裏看形見不難。水中捉月爭拈得。

དབང་པོ་ལྔ་དག་སྟོབས་ལྔ་ཐོབ་པས་ཀྱང་།།རྟོགས་པ་ཁོ་ན་དཔོག་པར་དཀའ་བ་ཡིན།།མེ་ལོང་གཟུགས་བརྙན་མཐོང་བར་མི་ངལ་མོད།།ཆུ་ལས་ཆུ་ཟླ་ཟིན་པའི་ཐབས་མེད་དོ།།

常獨行。常獨步。達者同遊涅槃路。

調古神清風自高。貌頰骨剛人不顧。

རྟག་ཏུ་ཁེར་སྐྱོད་རྒྱུན་དུ་གཅིག་པུར་འཆག།མྱང་འདས་ལམ་དུ་རྟོགས་ལྡན་མཐུན་པར་བགྲོད།།སྔ་སྲོལ་སྤྱོད་གཙང་སྙོམ་ཞིང་གདེངས་སྤོབས་མཐོ།།ཞལ་རིད་རུས་འཁྲེགས་གཞན་སྣང་ཟིལ་གྱིས་གནོན།།

窮釋子。口稱貧。實是身貧道不貧。

貧則身常披縷褐。道則心藏無價珍。

ཐུབ་སྲས་དབུལ་པོས་ཁ་ནས་སྤྲང་བན་ཟེར།།དངོས་ལ་ལུས་དབུལ་ཆོས་མི་དབུལ་བ་ཡིན།།དབུལ་ནི་རྒྱུན་དུ་ལྷན་པས་ལུས་གཡོགས་ཀྱང་།།ཆོས་ནི་གཞལ་མེད་ནོར་བུ་སེམས་སུ་སྦས།།

無價珍。用無盡。利物應機終不吝。

三身四智體中圓。八解六通心地印。

གཞལ་མེད་རིན་ཆེན་བྱེད་པ་འཛད་དུ་མེད།།གང་འདུལ་དངོས་པོས་ཕན་བྱེད་སེལ་སྣ་བྲལ།།སྐུ་གསུམ་ཡེ་ཤེས་རྣམ་བཞི་གཤིས་སུ་རྫོགས།།གྲོལ་བརྒྱད་མངོན་ཤེས་དྲུག་གིས་སེམས་རྒྱས་ཐེབས།།

上士一決一切了。中下多聞多不信。

但自懷中解垢衣。誰能向外誇精進。

སྐྱེས་བུ་ཆེན་པོ་གཅིག་རྟོགས་ཀུན་ཤེས་ཡིན།།འབྲིང་དང་ཐ་མར་ཐོས་མང་མི་དད་བདོ།།གལ་ཏེ་རང་སེམས་གོས་དྲེག་རང་དག་ན། །བརྩོན་འགྲུས་ཅན་ཞེས་གཞན་ལ་བསྔགས་པས་ཅི།།

從他謗。任他非。把火燒天徒自疲。

我聞恰似飲甘露。銷融頓入不思議。

སྐུར་འདེབས་སྐྱོན་བརྗོད་གཞན་དག་ཅི་དགར་གྱིས།།མེ་ཡིས་གནམ་སྲེག་རང་ཉིད་ངལ་བའི་རྒྱུ།།བདག་གི་རྣ་བར་བདུད་རྩི་འཐུང་བ་བཞིན།།ཅིག་ཅར་བསམ་མི་ཁྱབ་པའི་ངང་དུ་འདྲེས།།

觀惡言。是功德。此則成吾善知識。

不因訕謗起怨親。何表無生慈忍力。

རྩུབ་མོའི་ཚིག་ལ་ལྟ་བ་ཡོན་ཏན་ཏེ།།འདི་ཉིད་བདག་གི་དགེ་བའི་བཤེས་གཉེན་ཡིན།།སྐུར་འདེབས་དབང་གིས་ཆགས་སྡང་སྐྱེས་གྱུར་ན།།བྱམས་དང་བཟོད་པའི་ནུས་སྟོབས་ཇི་ལྟར་མཚོན།།

宗亦通。說亦通。定慧圓明不滯空。

非但我今獨達了。恒沙諸佛體皆同。

དོན་ཡང་ཆུབ་ཅིང་ཚིག་ཀྱང་བྱང་བ་སྟེ།།ཞི་ལྷག་གསལ་རྫོགས་སྟོང་པར་ཆགས་ཐོགས་བྲལ།།ཁོ་བོས་དེ་རིང་རང་གིས་རྟོགས་ལས་གཞན།།རྡུལ་སྙེད་རྒྱལ་བ་མཐའ་དག་ངོ་བོས་མཐུན།།

師子吼。無畏說。百獸聞之皆腦裂。

香象奔波失卻威。天龍寂聽生欣悅。

སེང་གེའི་སྒྲ་ནི་འཇིགས་པ་མེད་པར་སྒྲོགས།།གཅན་གཟན་བརྒྱས་ཐོས་ཀླད་པ་ཡོངས་སུ་འགས།།སྤོས་ཀྱི་གླང་ཆེན་གྱིས་ཀྱང་སྒམ་ཚུགས་འཆོར།།ལྷ་ཀླུས་ཞི་བར་ཉན་པས་སྤྲོ་དགའ་སྐྱེ།།

遊江海。涉山川。尋師訪道為參禪。

自從認得曹谿路。了知生死不相關。

ཆུ་དང་མཚོ་བརྒལ་རི་ལུང་གོམ་པས་བཅད།།བསམ་གཏན་སྒོམ་ཕྱིར་རྗེ་བཙལ་དམ་ཆོས་ཞུས།།ཁོ་བོས་ཚའོ་ཤིས་(བརྒྱུད་རབས་དྲུག་པ་ཧིའུ་ནིང་གི་མཚན་གཞན།)ལམ་མཆོག་ཤེས་པ་ནས།།སྐྱེ་འཆིའི་འཁོར་བ་འབྲེལ་བ་མེད་པར་གོ།

行亦禪。坐亦禪。語默動靜體安然。

縱遇鋒刀常坦坦。假饒毒藥也閑閑。

我師得見然燈佛。多劫曾為忍辱仙。

འགྲོ་ཡང་བསམ་གཏན་འདུག་ཀྱང་བསམ་གཏན་ཏེ།།སྨྲ་དང་མི་སྨྲ་གཡོ་དང་ཞི་བ་ཡི། །ངོ་བོ་ཉིད་ཀྱིས་ཞེ་བློ་བདེ་བ་སྟེ།།མཚོན་རྣོན་རྩེ་མོས་རེག་ཀྱང་བརྟན་ལྷང་ལྷང་།།

དུག་ཟས་ཟོས་པར་ཤེས་ཀྱང་དལ་ལྷོད་ལྷོད། །བདག་ཅག་སྟོན་པས་མར་མེ་མཛད་མཇལ་བར།།དྲང་སྲོང་བཟོད་པ་སྨྲ་བར་བསྐལ་མང་གྱུར།།

幾回生。幾回死。生死悠悠無定止。

自從頓悟了無生。於諸榮辱何憂喜。

སྐྱེ་བ་ཇི་སྙེད་འཆི་བ་ཇི་སྙེད་ཅིག།སྐྱེ་འཆིའི་འཁོར་བ་རྒྱུན་རིང་མཐའ་མི་མངོན།།སྐྱེ་བ་མེད་པ་ཅིག་ཅར་རྟོགས་པ་ནས།།བསྟོད་དང་སྨད་པར་དགའ་དང་སྐྱོ་བས་ཅི།།

入深山。住蘭若。岑崟幽邃長松下。

優游靜坐野僧家。闃寂安居實瀟灑。

རི་གསེབ་འཛུལ་དང་དབེན་པར་གནས་པ་དང་།།ལ་མཐོའི་རྩེ་དང་གསོམ་སྡོང་རིང་པོའི་རྩར།།གུ་ཡངས་ཞི་གནས་རི་ཁྲོད་པ་ཡི་ཁྱིམ།།དབེན་འཇགས་ལྷོད་སྡོད་ལྟོས་མེད་བག་ཡངས་ངང་།།

覺即了。不施功。一切有為法不同。

住相布施生天福。猶如仰箭射虛空。

བྱང་ཆུབ་རྟོགས་ལ་འབད་པས་རྩོལ་མི་བྱ།།འདུས་བྱས་ཆོས་ཀུན་དེ་དང་མི་མཚུངས་ཏེ། །མཚན་མར་གནས་པའི་སྦྱིན་པས་ལྷའི་བསོད་ནམས།།དེ་ནི་གནམ་ངོར་མདའ་ཡིས་འཕེན་པ་འདྲ།།

勢力盡。箭還墜。招得來生不如意。

爭似無為實相門。一超直入如來地。

འཕེན་ཤུགས་ཟད་ན་མདའ་མོ་ས་ལ་ལྷུང་།།ཕྱི་མའི་སྐྱེ་བར་བཀྲ་མི་ཤེས་པ་འདྲེན།།བྱར་མེད་གནས་ལུགས་སྒོ་ནི་མི་མཚུངས་ཏེ།།འཕགས་ཐེངས་གཅིག་གིས་རྒྱལ་བའི་ས་ལ་ཕྱིན།།

但得本。莫愁末。如淨琉璃含寶月。

既能解此如意珠。自利利他終不竭。

རྩ་བ་ཐོབ་ན་ཡལ་གར་ངལ་མ་བྱེད།།བཻ་ཌུར་དག་པར་རིན་ཆེན་ཟླ་ལྡན་བཞིན།།ནོར་བུ་རིན་པོ་ཆེ་འདི་རྟོགས་གྱུར་ན།།རང་དོན་གཞན་དོན་ནམ་ཡང་སྐོམ་པ་མེད།།

江月照。松風吹。永夜清宵何所為。

佛性戒珠心地印。霧露雲霞體上衣。

གཙང་བོར་ཟླ་ཤར་གསོམ་སྡོང་རླུང་གིས་སྐྱོད།།མཚན་མོ་རིང་པོར་ཅི་ཞིག་བྱ་རུ་ཡོད།།སངས་རྒྱས་རང་བཞིན་དང་ནི་ཚུལ་ཁྲིམས་ནོར།།སེམས་ཀྱི་ས་ལ་ཕྱག་རྒྱས་བཏབ་པ་སྟེ།།སྨུག་དང་ཟིལ་བ་མཚམས་སྤྲིན་གོས་ཀྱིས་གཡོགས།།

降龍缽。解虎錫。兩鈷金環鳴歷歷。

不是標形虛事持。如來寶杖親蹤跡。

ཀླུ་འདུལ་ལྷུང་བཟེད་སྟག་འགྲོལ་མཁར་བསིལ་ཏེ།།གསེར་ཀོར་བརྡེབས་པའི་སྒྲ་ནི་མ་འདྲེས་གསལ།།ཕྱི་ཚུལ་གཟུགས་བརྙན་བྱ་བ་འཛིན་མིན་པར།།རྒྱལ་བའི་ཕྱག་མཁར་རིན་ཆེན་རང་གིས་འཚོལ།།

不求真。不斷妄。了知二法空無相。

無相無空無不空。即是如來真實相。

བདེན་པ་མི་འདོད་རྫུན་པ་མི་སྤོངས་ཏེ།།གཉིས་ཆོས་སྟོང་པ་མཚན་ཉིད་བྲལ་བར་ཤེས།།མཚན་ཉིད་མེད་ལ་སྟོང་མེད་མི་སྟོང་མེད།།འདི་ནི་བདེ་གཤེགས་བདེན་པའི་གནས་ལུགས་ཡིན།།

心鏡明。鑒無礙。廓然瑩徹周沙界。

萬象森羅影現中。一顆圓光非內外。

སེམས་ཀྱི་མེ་ལོང་གསལ་བ་སྒྲིབ་མེད་སྣང་།།རྡུལ་སྙེད་དབྱིངས་ཀུན་ཟང་ཐལ་ཁྱབ་པར་བརྡལ།།ནང་དུ་སྣང་སྲིད་ཡོད་དགུའི་གཟུགས་བརྙན་གསལ།།ཉག་གཅིག་ཟླུམ་པོའི་འོད་ལ་ཕྱི་ནང་མེད།།

豁達空。撥因果。莽莽蕩蕩招殃禍。

棄有著空病亦然。還如避溺而投火。

སྟོང་པ་ཕྱང་ཆད་རྒྱུ་འབྲས་སྐུར་བ་དང་།།ཧར་ཧུར་ཆལ་མ་ཆོལ་གྱིས་བྱུར་ངན་འདྲེན།།ཡོད་དོར་སྟོང་ཞེན་ནད་ཀྱང་དེ་འདྲ་སྟེ།།ཆུར་བྱིངས་དོགས་པས་མེ་ལ་མཆོང་བ་བཞིན།།

捨妄心。取真理。取捨之心成巧偽。

學人不了用修行。真成認賊將為子。

རྟོག་པའི་སེམས་སྤོང་ཡང་དག་གནས་ལུགས་ལེན།།བླང་དོར་བློ་ཡིས་མཁས་དང་རྨོངས་པར་གྲུབ།དྲང་དོན་སྒོམ་དུ་བྱེད་པའི་ཆོས་བྱེད་མཁན།།ཤེས་བཞིན་ནན་གྱིས་རྐུན་མར་བུ་རུ་འཛིན།།

損法財。滅功德。莫不由斯心意識。

是以禪門了卻心。頓入無生知見力。

ཆོས་ཀྱི་ནོར་སྟོར་ཕན་ཡོན་འཇོམས་བྱེད་པས།།སེམས་དང་ཡིད་ཀྱིས་ཡང་དག་དོན་མ་འཚོལ།།བསམ་གཏན་སྒོ་ཡིས་སེམས་བྲལ་རྟོགས་པ་སྟེ།།མི་སྐྱེར་ཅིག་ཅར་འཇུག་ཅིང་ལྟ་སྟོབས་ཤེས།།

大丈夫。秉慧劍。般若鋒兮金剛焰。

非但空摧外道心。早曾落卻天魔膽。

སྐྱེས་བུ་ཆེན་པོ་ཤེས་རབ་རལ་གྲི་འཆང་།།ཕར་ཕྱིན་རྩེ་རྣོན་རྡོ་རྗེའི་མེ་ལྕེ་འབར།།

ཕྱི་རོལ་ངན་སེམས་རྩད་ནས་འཇོམས་དང་ལྷན།།ལྷ་བུའི་བདུད་སྙིང་སྔར་ནས་འགས་པར་བྱས།།

震法雷。擊法鼓。布慈雲兮灑甘露。

龍象蹴踏潤無邊。三乘五性皆醒悟。

雪山肥膩更無雜。純出醒醐我常納。

ཆོས་ཀྱི་འབྲུག་ལྡིར་ཆོས་ཀྱི་རྔ་ཆེན་རྡུང་།།བྱམས་པའི་སྤྲིན་འཁྲིགས་བདུད་རྩིའི་ཆར་བ་འབེབས།།འབྲུག་གླང་(འདིར་འབྲུག་གླང་ནི་སྐབས་གཞན་དུ་གླང་པོ་ཆེན་པོ་ཞེས་པ་ལྟར་ཡོན་ཏན་གྱི་ཕུང་པོ་རབ་ཏུ་ལྕི་བའི་དམ་པའི་སྐྱེ་བོ་དང་འཕགས་པའི་གནས་བརྟན་སོགས་ལ་ཆེ་བསྟོད་ཀྱི་ཚིག་ཏུ་འགྱུར།)ཞབས་ཀྱིས་བཅག་པས་ཕྱོགས་མེད་བརླན།།ཐེག་གསུམ་རང་བཞིན་ལྔ་ནི་ཡོངས་སུ་སད།།གངས་སྨན་བ་ཧ་(འདི་ནི་མདོ་མྱང་འདས་ལས་རི་གངས་ཅན་ལ་སྨན་བ་ཧ་ཞེས་པ་ཞིག་ཡོད་ཚུལ་སོགས་རྒྱས་པར་གསུངས་པ་དེ་ཉིད་འདིའི་ཁུངས་སུ་འདུག་སྙམ་ནས་འདི་ལྟར་བསྒྱུར་བ་ཡིན་མོད།མ་དཔེ་ཐད་བསྒྱུར་བྱས་ན་ནི་སྦོམ་པོ་ལྟ་བུ་ཞིག་ཡིན་པས་འགྲེལ་པ་གཞན་དུ་གངས་ཅན་གྱི་རི་ལ་ཡོད་པའི་སྦོམ་པོ་ཞེས་བྱ་བའི་སྨན་ཞེས་བཀྲལ།།)ལྷད་དང་བྲལ་བ་ཡིན།།ཁོ་བོས་རྟག་ཏུ་འོ་བཅུད་གཙང་མ་ལེན།།

一性圓通一切性。一法遍含一切法。

一月普現一切水。一切水月一月攝。

རང་བཞིན་གཅིག་ལ་རང་བཞིན་མཐའ་དག་རྫོགས།།ཆོས་གཅིག་ཉིད་ལ་ཆོས་རྣམས་ཐམས་ཅད་འདུས།།ཟླ་བ་གཅིག་ཉིད་ཆུ་སྣོད་ཀུན་ཏུ་སྣང་།།ཆུ་ཟླ་མཐའ་དག་ཟླ་བ་གཅིག་གིས་བསྡུས།།

諸佛法身入我性。我性同共如來合。

一地具足一切地。非色非心非行業。

རྒྱལ་ཀུན་ཆོས་སྐུ་བདག་གི་རང་བཞིན་མཐུན།།བདག་གི་རང་བཞིན་རྒྱལ་དང་གཉིས་མེད་མཉམ།།ས་གཅིག་ལ་ནི་ས་རྣམས་ཐམས་ཅད་རྫོགས།།གཟུགས་མེད་སེམས་མེད་ལས་སུ་བྱེད་པ་མེད།།

彈指圓成八萬門。剎那滅卻三祇劫。

一切數句非數句。與吾靈覺何交涉。

སེ་གོལ་གཅིག་གིས་ཆོས་སྒོ་བརྒྱད་ཁྲི་རྫོགས།།སྐད་ཅིག་གཅིག་གིས་བསྐལ་ཆེན་རྣམ་གསུམ་འཇིག།གྲངས་དང་ཐ་སྙད་ཀུན་ལ་གྲངས་ཚིག་བྲལ།།དེ་དང་ཁོ་བོའི་རྟོགས་པར་འབྲེལ་བ་ཅི།།

不可毀。不可讚。體若虛空勿涯岸。

不離當處常湛然。覓即知君不可見。

取不得。捨不得。不可得中只麼得。

སྨད་དུ་མི་རུང་བསྟོད་དུ་མི་བཏུབ་སྟེ།།ངོ་བོ་ཉིད་ནི་མཁའ་བཞིན་མུ་མཐའ་བྲལ།།ད་ལྟའི་ངང་དང་མི་འབྲལ་རྟག་ཏུ་དྭངས།།བཙལ་བས་མཐོང་དུ་མེད་པར་སྐྱེས་བུས་ཤེས།།བླང་དུ་མེད་ལ་འདོར་དུ་མེད་པ་སྟེ།།ཐོབ་ཏུ་མེད་པའི་དབུས་ནས་ཅི་ཞིག་འཐོབ།།

默時說。說時默。大施門開無壅塞。

有人問我解何宗。報道摩訶般若力。

མི་སྨྲ་བ་ཡི་དུས་ན་སྨྲ་བའི་ངང་།།སྨྲ་བ་ཉིད་ཀྱི་དུས་ན་མི་སྨྲའི་ངང་།།སྦྱིན་པའི་སྒོ་ཆེན་འབྱེད་པས་འཚང་ག་མེད།།འགའ་ཞིག་བདག་གི་གྲུབ་མཐའ་གང་ཡིན་འདྲི།།མ་ཧཱ་པྲ་ཛྙའི་སྟོབས་ཞེས་སྙན་དུ་གསོལ།།

或是或非人不識。逆行順行天莫測。

吾早曾經多劫修。不是等閑相誑惑。

ཡིན་དང་མ་ཡིན་མི་ཡིས་ངོ་མི་ཤེས།།དྲང་བསྐྱོད་ལྡོག་བསྐྱོད་གནམ་གྱིས་ཚོད་མི་ཐིག།ཁོ་བོ་སྔོན་ནས་བསྐལ་མང་སྒོམ་པ་ལས།།ཁོམ་ནས་སླུ་བྲིད་མགོ་སྐོར་བྱེད་པ་མིན།།

建法幢。立宗旨。明明佛敕曹谿是。

ཆོས་ཀྱི་རྒྱལ་མཚན་རབ་ཏུ་བསྒྲེངས་པ་ཡིན།།གྲུབ་པའི་མཐའ་ཡང་རབ་ཏུ་ཟིན་པ་ཡིན།།རྒྱལ་བས་ལུང་གིས་ཤིན་ཏུ་གསལ་བ་རུ།།ལེགས་པར་བསྟན་པ་དེ་ནི་ཚའོ་ཤིས་ཡིན།།

第一迦葉首傳燈。二十八代西天記。

གཏད་རབས་དང་པོ་འོད་སྲུང་ཆེན་པོ་ལ།།ཐོག་མར་གཏད་པའི་བརྒྱུད་པའི་སྒྲོན་མེ་དེ།།བརྒྱུད་རབས་ཉི་ཤུ་རྩ་བརྒྱད་བར་དུ་བྱུང་།།དེ་ནི་འཕགས་པའི་ཡུལ་གྱི་བྱུང་བ་ལགས།།

法東流。入此土。菩提達摩為初祖。

六代傳衣天下聞。後人得道何窮數。

ཆོས་ནི་ཤར་བརྒྱུད་ས་ཕྱོགས་འདི་རུ་ཕེབས།།བྷུདྡྷ་དྷརྨ་ཐོག་མའི་མེས་པོ་ཡིན།།བརྒྱུད་རབས་དྲུག་གི་གོས་གཏད་གནམ་འོག་གྲགས།།ཆོས་འདི་རྟོགས་པའི་རྗེས་རབས་བགྲང་བར་དཀའ།།

真不立。妄本空。有無俱遣不空空。

二十空門元不著。一性如來體自同。

ཡང་དག་མི་སྒྲུབ་ལོག་པ་རང་གིས་སྟོང་།།ཡོད་མེད་སྤངས་པའི་མི་སྟོང་ཉིད་ཀྱང་སྟོང་།།སྟོང་སྒོ་ཉི་ཤུར་ཡེ་ནས་ཞེན་པ་མེད།།རང་བཞིན་ཉག་གཅིག་རྒྱལ་དང་ངོ་བོ་གཅིག།

心是根。法是塵。兩種猶如鏡上痕。

痕垢盡除光始現。心法雙忘性即真。

སེམས་ནི་རྩ་བ་ཆོས་ནི་ཡུལ་གྱི་རྡུལ།།གཉིས་པོ་དག་ཀྱང་མེ་ལོང་གཡའ་བཞིན་ན།།དྲི་མའི་གཡའ་སེལ་འོད་ནི་ད་གཟོད་སྣང་།།སེམས་ཆོས་ཟུང་དུ་ཡལ་ན་རང་བཞིན་བདེན།།

嗟末法。惡時世。眾生福薄難調制。

去聖遠兮邪見深。魔強法弱多怨害。

聞說如來頓教門。恨不滅除令瓦碎。

ཀྱེ་མ་དུས་ངན་སྙིགས་མའི་འཇིག་རྟེན་འདིར།།འགྲོ་རྣམས་བསོད་ནམས་ཆུང་ཞིང་འདུལ་བར་དཀའ།།འཕགས་སར་བགྲོད་པའི་ལམ་རིང་ལོག་ལྟ་ཟབ།།བདུད་ནི་ཤུགས་ཆེ་ཆོས་ནི་ཉམས་ཞན་ལ།།དགྲ་དང་འཚེ་བ་དག་ཀྱང་རྣམ་མང་པས།།རྒྱལ་བའི་ཅིག་ཅར་ཆོས་ཀྱི་སྒོ་འདི་ཉིད།།ཐོས་པ་ཙམ་གྱིས་སྡང་བའི་བློ་སྐྱེ་ཞིང་།།སོ་ཕག་ཆག་འཕྲོ་ལྟ་བུར་གཞོམ་པར་བྱེད།།

作在心。殃在身。不須怨訴更尤人。

欲得不招無間業。莫謗如來正法輪。

བྱས་པ་སེམས་ཏེ་གནོད་པ་ལུས་ཀྱི་ཐོག།དེ་ལ་འཁང་དང་གདུང་བའི་བློས་ཅི་བྱ།།མནར་མེད་སྡུག་བསྔལ་འཐོབ་པར་མི་འདོད་ན།།རྒྱལ་བའི་ཆོས་ཀྱི་འཁོར་ལོར་མ་སྐུར་ཅིག།

栴檀林。無雜樹。鬱密森沈師子住。

境靜林間獨自遊。走獸飛禽皆遠去。

ཙནྡན་ནགས་ན་ཤིང་ངན་ཕལ་བ་མེད།།ནགས་ཚལ་འཐུག་པོར་སེངྒེས་གནས་མལ་འཆའ།།དབེན་པའི་ཚལ་དུ་སེངྒེ་ཁེར་བུར་རྒྱུ།།གཅན་གཟན་འདབ་ཆགས་མཐའ་དག་རིང་དུ་བྱེར།།

師子兒。蒙隨後。三歲便能大哮吼。

若是野干逐法王。百年妖怪虛開口。

སེང་ཕྲུག་རྣམས་ནི་དེ་ཡི་རྗེས་སུ་འབྲང་།།ལོ་གསུམ་ལོན་པས་ང་རོ་ཆེན་པོ་སྒྲོག།།

ཝ་དག་ཆོས་ཀྱི་རྒྱལ་པོའི་རྗེས་འབྲང་ཡང་།།ལོ་བརྒྱའི་གདོན་འདྲེའི་ཁ་སྟོང་གདང་བ་ཙམ།།

圓頓教。沒人情。有疑不決直須爭。

不是山僧逞人我。修行恐落斷常坑。

ཅིག་ཅར་རྫོགས་པའི་ཆོས་ལ་ངོ་སྲུང་དབེན།།དོགས་དང་ཐེ་ཚོམ་གདའ་ན་ཐད་ཀར་རྩོད།།རི་ཁྲོད་བནྡེས་རང་རྒྱལ་གཞན་ཕམ་མིན།།ཉམས་ལེན་རྟག་ཆད་གཡང་སར་ལྷུང་བར་འཇིགས།།

非不非。是不是。差之毫釐失千里。

是則龍女頓成佛。非則善星生陷墜。

མིན་པ་མིན་མིན་ཡིན་པ་ཡིན་པ་མིན།།སྤུ་རྩེའི་ཁྱད་ཀྱིས་དཔག་ཚད་སྟོང་དུ་འཆོལ།།

ལེགས་པས་ཀླུ་མོ་འཕྲལ་མར་སངས་རྒྱས་ཤིང་།།ཉེས་པས་ལེགས་སྐར་སྐྱེ་བའི་གཡང་སར་ལྷུང་།།

吾早年來積學問。亦曾討疏尋經論。

分別名相不知休。入海算沙徒自困。

ཁོ་བོ་སྔ་དུས་ཐོས་པ་མང་པོ་བསགས།།འགྲེལ་པར་དཔྱད་ནས་མདོ་དང་བསྟན་བཅོས་བཙལ།།ངོམས་པ་མེད་པར་མིང་ཚིག་ཁྱད་པར་དཔྱད།།མཚོར་ཞུགས་བྱེ་མ་བགྲང་བས་རང་ཉིད་ངལ།།

卻被如來苦訶責。數他珍寶有何益。

從來蹭蹬覺虛行。多年枉作風塵客。

གཞན་གྱི་ནོར་བུ་བགྲང་བས་ཅི་ཕན་ཞེས།།རྒྱལ་བས་ཐུགས་ཀྱིས་ཁྲེལ་བའི་བཀའ་བཀྱོན་ཕོག།ཐར་པའི་ལམ་སྟེགས་སྙེགས་ཀྱང་དོན་མེད་སྤྱོད།།མི་ལོ་མང་པོར་འཇིག་རྟེན་བྱ་བས་བསླུས།།

種性邪。錯知解。不達如來圓頓制。

二乘精進沒道心。外道聰明無智慧。

དབང་པོ་དམན་པས་ལོག་པར་གོ་བ་སྟེ།།རྒྱལ་བའི་གཅིག་ཅར་རྫོགས་པ་མི་རྟོགས་པས།།ཐེག་གཉིས་བརྩོན་ཡང་ཆོས་ཀྱི་སེམས་དང་བྲལ།།ཕྱི་པའི་ལམ་གྱི་སྤྱང་པོར་ཤེས་རབ་དབེན།།

亦愚癡。亦小騃。空拳指上生實解。

執指為月枉施功。根境法中虛捏怪。

རྨོངས་ཡང་རྨོངས་ལ་རྟུལ་ཡང་རྟུལ་བ་སྟེ།།ཁུ་ཚུར་སྟོང་པའི་འཛུབ་རྩེའི་དངོས་པོར་ཞེན།།

(འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པའི་མདོ་ལས།ཁུ་ཚུར་སྟོང་པའམ།ཁ་དོག་སྡུག་གུ་སྣ་ཚོགས་ཀྱིས་བྱིས་པ་ཆུང་ངུ་བྲིད་པ་ལྟ་བུར་རྣམ་པར་བརྟགས་པ་ལས་བྱུང་བ་ལྟོས་པ་ལས་ཡོད་པ་ཙམ་དུ་ཟད་པས་དངོས་པོར་ངེས་པའི་ཆོས་སུ་གཅིག་ཙམ་ཡང་མེད་པར་ཡིད་ཆེས་སོ།།ཞེས་སོ།།)

འཛུབ་མོ་ཟླ་བར་འཛིན་པས་དོན་མེད་ངལ།།དབང་ཡུལ་དངོས་མེད་མཉེད་པ་ཡ་རེ་ཆ།།

不見一法即如來。方得名為觀自在。

了即業障本來空。未了應須還夙債。

ཆོས་གང་མཐོང་བ་མེད་པ་སངས་རྒྱས་ཡིན།།དེ་ཡི་མཚན་དུ་སྤྱན་རས་གཟིགས་དབང་ཕྱུག།རྟོགས་ན་ལས་ཀྱི་སྒྲིབ་པ་ཡེ་ནས་སྟོང་།།མ་རྟོགས་འདས་པའི་བུ་ལོན་ངེས་པར་འཇལ།།

飢逢王膳不能餐。病遇醫王爭得瘥。

在欲行禪知見力。火中生蓮終不壞。

勇施犯重悟無生。早時成佛于今在。

ལྟོག་པ་རྒྱལ་པོའི་ཟས་འཕྲད་ཟ་མི་སྤོབས།།ན་བ་སྨན་རྒྱལ་ཐུག་བཞིན་སོམ་ཉིས་བསླུས།།འདོད་བཅས་ཏིང་འཛིན་ལྟ་བའི་སྟོབས་རྟོགས་ན།།མེ་ལས་ཡོང་མི་འཇིག་པའི་པདྨ་སྐྱེ།།དཔའ་སྦྱིན་ཉེས་ལྕི་མི་སྐྱེའི་ཆོས་རྟོགས་ཏེ།།སྔར་ནས་སངས་རྒྱས་དེ་འདྲ་ད་དུང་མཆིས།།

師子吼。無畏說。深嗟懵懂頑皮靼。

祗知犯重障菩提。不見如來開祕訣。

སེངྒེའི་ང་རོ་འཇིགས་པ་མེད་པར་སྒྲོག།།ངན་རེངས་ཀོ་ལྤགས་མུན་འཐོམ་ཤུགས་རིང་འདོན།།རྒྱལ་བས་བསྟན་པའི་གསང་ཐབས་མི་མཐོང་བས།།ཉེས་ཆེན་བསགས་པས་བྱང་ཆུབ་སྒྲིབ་ལ་གཟིགས།།

有二比丘犯淫殺。波離螢光增罪結。

維摩大士頓除疑。猶如赫日銷霜雪。

དགེ་སློང་གཉིས་ཀྱིས་གསོད་དང་འདོད་ལོག་སྤྱད།།ཉེ་བ་འཁོར་གྱིས་ཕྱིར་ཞིང་ཐེ་ཚོམ་བསྐྱེད།།ཉི་མའི་འོད་ཀྱིས་བ་མོ་བཞུས་པ་བཞིན།།དྲི་མེད་གྲགས་པས་ཐེ་ཚོམ་ཅིག་ཅར་བསལ།།

不思議。解脫力。妙用恒沙也無極。

四事供養敢辭勞。萬兩黃金亦消得。

粉骨碎身未足酬。一句了然超百億。

ཐར་པའི་སྟོབས་ནི་བསམ་གྱིས་མི་ཁྱབ་སྟེ།།བྱེད་པ་གངྒའི་རྡུལ་བཞིན་ཐུག་པ་མེད།།

ཉེར་སྤྱོད་རྣམ་བཞིས་མཆོད་པས་(གཞུང་འདིའི་འགྲེལ་པར།བཟའ་བཏུང་དང་།གོས་དང་།མལ་ཆ་དང་།སྨན་བཅས་ཡིན་པར་བཤད།)མི་ངལ་ལ།།གསེར་སྲང་ཁྲི་འབུམ་ཕུལ་ཡང་འོས་པ་སྟེ།།རུས་པ་རྡུལ་དུ་བསིལ་ཡང་དྲིན་མི་འཁོར།།ཚིག་གཅིག་རྟོགས་པས་ཁྲག་ཁྲིག་བསྐལ་བ་བགྲོད།།

法中王。最高勝。恒沙如來同共證。

我今解此如意珠。信受之者皆相應。

ཆོས་ཀྱི་རྒྱལ་པོ་ཤིན་ཏུ་ཆེ་བའི་མཆོག།རྡུལ་སྙེད་རྒྱལ་བས་རྟོགས་པའི་ཐུན་མོང་དོན།།ཡིད་བཞིན་ནོར་འདི་དེ་རིང་ཁོ་བོས་བཤད།།དད་པས་ལེན་པ་ཀུན་ལ་འཕྲོད་ཅིང་འབྱོར།།

了了見。無一物。亦無人。亦無佛。

大千沙界海中漚。一切聖賢如電拂。

假使鐵輪頂上旋。定慧圓明終不失。

དངོས་པོ་མེད་པ་རབ་ཏུ་གསལ་པོར་རྟོགས།།གང་ཟག་མེད་ལ་སངས་རྒྱས་ཉིད་ཀྱང་མེད།།སྟོང་ཆེན་རྡུལ་ཁམས་རྒྱ་མཚོའི་ལྦུ་བ་ཙམ།།འཕགས་དང་དམ་པ་མཐའ་དག་གློག་འགྱུའི་ཚུལ།།ལྕགས་ཀྱི་འཁོར་ལོ་མགོ་ལ་འཁོར་གྱུར་ཀྱང་།།ཞི་ལྷག་རྫོགས་གསལ་ནམ་ཡང་ཉམས་པ་མེད།།

日可冷。月可熱。眾魔不能壞真說。

象駕崢嶸慢進途。誰見螳蜋能拒轍。

ཉི་མ་བསིལ་ཞིང་ཟླ་བ་དྲོ་སྲིད་མོད།།བདེན་པར་སྨྲ་བ་བདུད་ཚོགས་བརླག་མི་རྙེད།།གླང་ཆེན་ཤིང་རྟ་ལ་བགྲོད་དལ་ན་ཡང་།།སྦྲང་བུས་ཁ་ཕྱོགས་བསྒྱུར་བ་སུ་ཡིས་མཐོང་།།

大象不遊於兔經。大悟不拘於小節。

莫將管見謗蒼蒼。未了吾今為君訣。

གླང་ཆེན་རི་བོང་ཕྱིན་པའི་ལམ་མི་འགྲོ།རྟོགས་ཆེན་གལ་ཆུང་ལས་ཀྱིས་འཆིང་མི་བྱེད།།སྨྱུག་སྦུབས་མཐོང་རྒྱས་ནམ་མཁའི་ཚད་མ་འཇལ།།ངས་འདི་མ་རྟོགས་པ་ཡི་ཆེད་དུ་འདོམས།།རྫོགས་སོ།།

དེ་ཡང་ལོ་དྲུག་གི་ཡར་སྔོན་《དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་》བོད་སྐད་དུ་བསྒྱུར་སྐབས་སློབ་དཔོན་ཆེན་པོ་ཧྭའི་ནིང་གི་དངོས་སློབ་གཙོ་བོའི་གྲས་སུ་བཞུགས་པ་བསམ་གཏན་གྱི་མཁན་པོ་ཆེན་པོ་ཡོང་ཅཱ་དང་ཁོང་གི་གཞུང་ལ་ཆ་རྒྱུས་ཕྲན་བུ་བྱུང་ཞིང་།ཁྱད་པར་དུ་ཁོང་གིས་མཛད་པའི་ལྟ་མགུར་གྲགས་ཅན་《ལམ་མངོན་པར་རྟོགས་པའི་གླུ་》ཞེས་པའི་གཞུང་འདིར་ཤིན་ཏུ་དད་སྤྲོ་ཆེན་པོས་བོད་ཡིག་ཏུ་བསྒྱུར་འདུན་བརྒྱུད་མར་བྱུང་ན་ཡང་།གཞུང་འདིར་དོན་གྱི་གནད་ཟབ་པ་ལས་གཞན་དུ་ཚིག་གི་སྦྱོར་བའང་ཤིན་ཏུ་ཁྱད་པར་འཕགས་པའི་སྙན་ངག་གི་རང་བཞིན་ཆེས་ཆེར་ལྡན་པས་རྔོ་ཐོགས་མིན་གྱི་སོམ་ཉི་དང་རྣམ་པར་གཡེང་བ་བཅས་ཀྱི་དབང་གིས་དེ་མུར་ལུས།ཉེ་ཆར་བོ་དི་དྷརྨོརྟ་རའི་གཞུང་བཞི་བོད་ཡིག་ཏུ་བསྒྱུར་གྲུབ་པའི་མཚམས་དེར་བསྐྱར་དུ་མཇལ་སྐབས།ལོ་དྲུག་གི་སྔོན་ལ་ལྟོས་ན་དཀའ་ལས་དེ་ཙམ་མེད་པར་ལྟ་མགུར་གྱི་ནང་དོན་དང་ཚིག་བརྗོད་སོགས་ཆ་ཙམ་གོ་བ་ལྟ་བུར་འདུག་པས་ཞར་དང་ཞོར་ལ་ཅི་རིགས་སུ་བསྒྱུར།དེ་ནས་བདུན་ཕྲག་གཉིས་ཀྱི་སྔོན་དུ་ཨོ་གླིང་ནས་ཡོ་རོབ་དང་དབྱིན་ལན་གྱི་འགྲུལ་བཞུད་ཀྱི་ལམ་ཁར་ཆུ་ཚོད་ཉི་ཤུ་ལྷག་གི་གནམ་གྲུར་སྡོད་པའི་དུས་ཚོད་ཅི་རིགས་སྤྱད་ནས་ཞུས་དག་བྱས།མཐར་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟོན་པ་ཐུགས་རྗེ་ཅན་གྱི་ཁྱད་པར་ཅན་གྱི་དུས་ཆེན་སུམ་འཛོམས།སའི་སྟེང་གི་ནང་པ་སངས་རྒྱས་པ་ཡོངས་ཀྱི་གལ་ཆེ་བའི་དུས་ཚོད་རིན་པོ་ཆེ་རྒྱལ་སྤྱིའི་སྟོན་པའི་དུས་ཆེན་གྱི་ཉིན།(ཕྱི་ལོ་༢༠༢༤ཟླ་༥ཚེས་༢༣ཉིན།)དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནས་ཆུ་ཚོད་བརྒྱད་ལ་ཉེ་བའི་འཕུར་བསྐྱོད་ཀྱིས་དཀྱིལ་དབུས་ཨེ་ཤ་ཡའི་རྒྱལ་ཁབ་ཏུའུ་པེ་ཡི་གནམ་ཐང་དུ་འབྱོར་མཚམས།ཡང་བསྐྱར་གནམ་གྲུ་བརྗེས་ཏེ་ཨོ་གླིང་གི་ཕྱོགས་སུ་ཆུ་ཚོད་བཅོ་ལྔ་ཡས་མས་ཀྱི་འཕུར་བསྐྱོད་མགོ་འཛུགས་བཞིན་པའི་དུས་དེར་ཐ་མའི་ཞུས་ཆེན་གྱི་འཇུག་གྲུབ་པ་དུས་མཉམ་དུ་བྱུང་།དེ་ཡང་དེ་རིང་གི་དུས་འདིར་ཆེད་དུ་བསྒྲིགས་པ་སོགས་མ་ཡིན་པར་རང་བཞིན་གྱིས་དུས་འགྲིགས་པ་ཞིག་བྱུང་བ་ནི་རྟེན་འབྲེལ་ཀྱང་བཟང་ཕྱོགས་སུ་འགྲིགས་པར་སྙམ་པ་སྟེ།ངེས་པའི་དོན་གྱི་མདོ་དང་བསྟན་བཅོས་ལ་ངེས་པར་འདུན་པ་དང་བློ་གྲོས་ཀྱི་སྤོབས་པ་ཅུང་ཟད་སྨིན་པ་ཅན།བོད་ཀྱི་ལོ་ཙཱ་བའི་གྲལ་དུ་རེ་བའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ལེགས་པར་བསྒྱུར་བ་རྫོགས་སོ།།

发表评论

访客

◎欢迎参与讨论,请在这里发表您的看法和观点。

猜您喜欢坚持每天更新,让您每天都有新鲜的资源下载

导播切换歌曲结构解析

导播切换歌曲结构解析

导播切换歌曲结构解析导播必备歌曲结构分解知识(卡点切换全套干货)很多导播切歌乱、卡点不准、...

1免费
多哈道歌讲解 23

多哈道歌讲解 23

多哈道歌讲解 23(对禅宗、密宗没有信心者,请勿观看。)电子书下载多哈道歌难释(对照版) ...

4免费
3资源个数(个)
3本月更新(个)
3本周更新(个)
2今日更新(个)